請選擇 進入手機版 | 繼續訪問電腦版

藏密網-漢傳.藏傳.南傳.佛教資訊網

注册藏密网可以获得更多功能与服务的支援,赶快注册吧!
立即註冊

合作站点账号登陆

快捷導航
查看: 113|回復: 0

憶念仁增吉美林巴金剛勝音信心禮讚文

[複製鏈接]
發表於 2019-11-4 23:01 | 顯示全部樓層 |閱讀模式
面然大士專頁
རིག་འཛིན་འཇིགས་མེད་གླིང་པ་གདུང་དྲན་དད་བསྟོད་རྡོ་རྗེའི་རོལ་མོ།
憶念仁增吉美林巴金剛勝音信心禮讚文

ཚིགས་རྒྱ་ཀོང་རིག་འཛིན་མཐར་ཕྱིན། 作詞:持明絍繒譶鑫
དབྱངས་ཚངས་དབྱངས་ལང་ཚོ། 作曲:倉央龍措
མགུར་མཁན་ཚངས་དབྱངས་ལང་ཚོ། 演唱:倉央龍措

རིག་འཛིན་འཇིགས་མེད་གླིང་པ་གདུང་དྲན་དད་བསྟོད་རྡོ་རྗ ...

རིག་འཛིན་འཇིགས་མེད་གླིང་པ་གདུང་དྲན་དད་བསྟོད་རྡོ་རྗ ...
གྲངས་མེད་སྐལ་བཟང་སྔོན་ནས་རྡོ་རྗེའི་སྔགས།།
無量劫前密乘根道果
རིམ་གཉིས་ཉམས་ཀྱི་རྩལ་ལ་བྱང་ཆུབ་ཅིང་།།
生圓修持境界熟悟證
སྣ་ཚོགས་སྤྲུལ་བའི་མཛད་ཆེན་རེ་རེ་ཡིས།།
各式化大事業逐一以
ངེས་དོན་བསྟན་འཛིན་འཇིགས་མེད་གླིང་པ་མཁྱེན།།
義覺持者吉美林巴知
ཉིན་བྱེད་བཀྲག་དང་ནོར་བུའི་སྒྲོན་མེ་སོགས།།
日曜照亮摩尼寶光等
སྲིད་ན་འོད་ཀྱི་སྣང་རླབས་ཇི་སྙེད་པས།།
能顯悉數光浪咸全以
ཉིད་ཐུགས་འོད་གསལ་ཆ་ལ་ཟླ་མིན་པའི།།
汝意境界明燦難比擬
ཀུན་མཁྱེན་འཇིགས་བྲལ་གླིང་པ་གཏན་གྱི་སྐྱབས།།
遍知吉美林巴永皈境
སྙིང་ལ་ངེས་གནས་ཟབ་གསང་ཐེག་པ་ཡིས།།
心央深住深密次第以
བདག་འཛིན་སྲ་བའི་གོ་དང་ཉོན་མོངས་མཚོན།།
我執盔甲煩惱利刃劍
འཁོར་བ་རྒྱུ་འབྲས་དག་པར་རབ་འབྱམས་པའི།
輪迴因果轉清淨無邊
འཇིགས་མེད་མཆོག་གྲུབ་དཔའ་བོ་འཇིགས་མེད་གླིང་།།
無畏成就英雄吉美林
ཐེག་རྩེའི་བཅུད་ཀྱིས་སྨིན་པའི་ཡེ་ཤེས་ཀྱིས།།
頂點精髓盛展智慧以
ལམ་གོལ་དམན་པའི་ལྟ་དོག་དྲུང་འབྱིན་ཅིང་།།
謬道劣道窄見根處掘
མྱུར་ལམ་འོད་གསལ་ཐེག་པའི་ལམ་བཟང་ལ།།
速道明燦次第圓滿道
འགོད་པའི་དེད་དཔོན་རང་བྱུང་རྡོ་རྗེའི་ཞབས།།
放置引領榮雄多傑尊
རགས་རྟོག་དམྱལ་མེ་ཏིང་འཛིན་བདུད་རྩིས་བཏུལ།།
粗念獄火禪定甘露滅
ཟུག་རྔུའི་མཚན་འཛིན་ཕྲ་བ་རང་སར་དྭངས།།
執刺跡相微細自淨消
འཁོར་འདས་སྟོང་གསལ་ངང་དུ་རོ་སྙོམས་པའི།།
輪涅明燦平等中融達
ཡེ་ཤེས་སྙིང་པོ་བརྡལ་བའི་འཇིགས་བྲལ་གླིང་།།
慧界精髓普照吉美林
རྣམ་པར་རྒྱལ་བའི་ཏིང་འཛིན་སྐད་ཅིག་མས།།
普方永勝剎那禪定以
ཟག་ཟད་ཉོན་མོངས་མེད་པའི་ཡེ་ཤེས་ལ།།
有漏永淨無煩智慧悟
དབང་འབྱོར་འོད་གསལ་གྲུབ་རིགས་རྒྱ་མཚོའི་རྒྱན།།
明燦成就者中極莊嚴
ཀློང་ཆེན་ཤེར་སྲས་ཀུན་མཁྱེན་འཇིགས་མེད་གླིང་།།
隴千慧子遍知吉美林
འཕྱོང་རྒྱས་དོན་མཁར་འོག་མིན་ཚེ་རིང་ལྗོངས།།
窮吉單卡勝上策仁炯
མཆིམས་ཕུ་ནགས་ཀྱི་མེ་ཏོག་ཕུག་སོགས་སུ།།
青浦樹林花朵洞穴等
ལས་ཅན་སྐྱེས་བུའི་སྙིང་ལ་སྙིང་ཏིག་གི།།
福俱修者心中心髓之
བྱིན་ཆེན་གངྒཱའི་རྒྱུན་འདྲེན་འཇིགས་བྲལ་གླིང་།།
加持貢嘎江臨吉美林
ཇི་ལྟ་ཇི་སྙེད་མཁྱེན་པ་ནང་ནས་གསལ།།
能緣所緣智慧意內顯
སྣ་ཚོགས་སྤྲོས་པས་མ་སྤྲོས་དེ་ཉིད་གཟིགས།།
種顯戲類離戲究竟視
མགྲིན་གསང་ཆོས་ཀྱི་མཛོད་ཆེན་རབ་འཕྱུར་པའི།།
喉密法藏極大噴湧出
བླ་མེད་དོན་བརྒྱུད་ཤིང་རྟ་འཇིགས་མེད་གླིང་།།
無上意傳木馬吉美林
རྗེས་སུ་དྲན་པས་བསོད་ནམས་ཚོགས་ཆེན་རྫོགས།།
憶念蹤跡福德圓滿增
དགོངས་སྤྱོད་བསླབ་པས་ཡེ་ཤེས་ཚོགས་ཆེན་རྟོགས།།
學習慧行智慧資糧悟
གཞུང་ལ་མཇལ་བས་རྟོག་གེའི་རྟོག་ཚོགས་འཇགས།།
見彼論述詭辯妄念靜
ངེས་དོན་དཔའ་བོ་ཁྱེད་ཉིད་དད་བཞིན་དྲན།།
勝義諦尊覺雄信俱想
ཀུན་མཁྱེན་འཇིགས་བྲལ་རང་བྱུང་རྡོ་རྗེའི་གཟུགས་སྐུ་དབྱིངས་ཀྱི་དག་གདངས་འོད་གསལ་ལ་ཐིམ་པའི་ཉིན་འདིར་གྲུབ་བརྙེས་གོ་འཇོ་བླ་མའི་ཚ་བུ་མཆེད་སྔགས་འཆང་སྨར་མི་སྨྱོན་གྱི་གསུང་གིས་བསྐུལ་བ་བཞིན་སྙན་ཚིགས་དབེན་པའི་དོན་བསྔགས་འདི་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱིས་དད་གུས་ཀྱིས་ཤར་མར་བྲིས་པ་འདིས་བདག་གཞན་རྣམས་ཀྱི་མ་དག་ཐ་མའི་འགྱུ་བ་རིག་ཀློང་དུ་གྲོལ་བའི་རྒྱུར་གྱུར་ཅིག།
遍知無畏自然金剛吉美林巴,身化融收法界明燦中之今日,
大圓滿傳承師兄請求般含義豐富之此文,
持明紝繒譶鑫信心俱足於轉瞬間即書述完成,
願己他平凡妄念於本覺中盛達。
2019/10/30

    歡迎無償轉發

您需要登錄後才可以回帖 登錄 | 立即註冊

本版積分規則

Archiver|小黑屋|手機版|分享佛法資訊請先注意版權申明|藏密網 UA-2159133-2

GMT+8, 2019-11-13 05:42 , Processed in 0.808824 second(s), 21 queries .

Copyright © 2016 | LIGHTSAIL支持

Powered by Discuz! X3.4

快速回復 返回頂部 返回列表