藏密網-漢傳.藏傳.南傳.佛教資訊網

注册藏密网可以获得更多功能与服务的支援,赶快注册吧!
立即註冊

合作站点账号登陆

快捷導航
查看: 1021|回復: 0

3/27.為祈消時疫「豬蹄疫」而修持的法筵....國際藏傳佛教研究會等

[複製鏈接]
發表於 2019-3-20 20:38 | 顯示全部樓層 |閱讀模式
54278043_1222432147914138_2046139496604368896_n.jpg 國際藏傳佛教研究會等,為祈消時疫「豬蹄疫」而修持的法筵....!

3月27日早上10-12點/下午3-8點

地點:廣修禪寺/汐萬路三段300巷2號

接泊資訊:早上8:30-9:30汐科火車站一號出口

歡迎踴躍参與!

སྤྱི་ཕན་གསར་བརྡ།
དེ་ཡང་དེང་གི་དུས་འདིར་ཨ་ཧྥི་རི་ཀ་ནས་མཆེད་བཞིན་པའི་ཚབས་ཆེའི་ཕག་ནད་ཅིག་ཡོད་ཅིང་། དེ་ཉིད་གལ་ཏེ་ཕག་གསོ་ར་བ་གཅིག་གི་ནང་གི་ཕག་གཅིག་ལ་ཡོད་པ་ཤེས་རྟོགས་བྱུང་ན་ཕག་ཡོངས་རྫོགས་བསྡེབས་གསོད་གཏོང་གིན་ཡོད་པས་ད་བར་རྒྱལ་ཁབ་དང་ས་ཁུལ་མང་པོ་ནས་ཕག་ཁྲི་འབུམ་མང་པོ་གསོད་དང་གསོད་བཞིན་པ་དང་། ཐའེ་ཝན་གྱི་ས་ཁུལ་གྱི་ལས་རིགས་དང་འབྲེལ་ཡོད་མང་པོ་ཞིག་ལ་ཡང་དཀའ་ངལ་གཅིག་མཚུངས་འཕྲད་ཀྱི་ཡོད་ཁར་ཕག་མང་པོ་བསྡེབས་གསོད་ཀྱི་ཡ་ང་ཞིང་སྙིང་རྗེ་བའི་གནས་སྟངས་ཡོད་མུས་ལ། ནད་ཡམས་དེ་ཉིད་མྱུར་དུ་རྒྱུན་ཆོད་པ་དང་། བསད་ཟིན་པའི་དུད་འགྲོ་དེ་དག་ཀྱང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་ཕྱིར་དམིགས་ནས་ཐའེ་ཝན་ཞིན་པེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་དང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཟུང་མཉམ་འབྲེལ་གྱིས་འོད་མཚན་དུང་འདོན་གྱི་ལས་འགུལ་ཞིག་དྲ་ཐོག་ནས་དགེ་བསྐུལ་ཞུས་པ་སྐབས་དང་པོའི་དགེ་རྩ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་ཅིང་། དེ་ཉིད་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་བསྔོ་སྨོན་གྱི་ཆོས་ཚོགས་ཤིག་སྤྱི་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་འཚོགས་གཏན་ཁེལ་ཡོད་ལ། ལས་འགུལ་འདི་ཡང་ཐའེ་ཝན་ས་གནས་ཀྱི་ནང་པ་དག་དང་མཉམ་འབྲེལ་གྱི་འབྲེལ་ལམ་གོང་མཐོར་གཏོང་བ་དང་། ས་གནས་མི་མང་གི་བདེ་དོན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་སྤྱི་ཚོགས་ཞབས་ཞུ་ཞིག་ཡིན་པ་རང་རེ་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་དེ་དང་འབྲེལ་ཡོད་གང་མང་ངེས་ཕེབས་ཡོང་བ་མཁྱེན།
ལས་འགུལ་གོ་སྒྲིག་གནང་མཁན། ཞིན་པེ་གྲོང་ཁྱེར་ནང་བསྟན་མཐུན ཚོགས་དང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས། ཐའེ་ཝན་ཀྲུང་ཧྭ་ནང་བསྟན་ན་གཞོན་ཚོགས་པ་བཅས་ཡིན།

དུས་ཚོད་སྔ་དྲོ་ཆུ་ཚོད་བཅུ་པ་ནས་བཅུ་གཉིས་བར་དང་། ཕྱི་དྲོ་ཆ་ཚོད་གསུམ་པ་ནས་བརྒྱད་པའི་བར་ཡིན།
ཚོགས་པ་འཚོགས་ས། ཀྭང་ཞུའུ་ཁྲན་ཟི།(廣修禪寺)
ཐའེ་པེ། 北市汐止區汐萬路三段 300 巷 2 號

ཐའེ་པེ་མེ་འཁོར་འབབ་ཚུགས་ནས་
(要去台北火車站搭區間車至汐科火車站 )ཤིས་ཁི་ས་འོག་མེ་འཁོར་འབབ་ཚུགས་ནས་བར་ཕེབས་རྗེས་དེ་ནས་ ནས་ཕན ཚུན་བསུ་སྐྱེལ་བྱེད་ཀྱི་ཡོད།

您需要登錄後才可以回帖 登錄 | 立即註冊

本版積分規則

Archiver|小黑屋|手機版|分享佛法資訊請先注意版權申明|藏密網 |網站地圖UA-2159133-2

GMT+8, 2024-4-27 06:38 , Processed in 0.019763 second(s), 19 queries .

Copyright © 2016 | LIGHTSAIL支持

Powered by Discuz! X3.4

快速回復 返回頂部 返回列表